昌都市民族事务委员会

政府信息公开

ཀྲུང་གོའི་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་ཐོ་འགོད་དོ་དམ་བྱ་ཐབས།

发布时间: 2023-05-06   浏览次数:   【字体:

ཀྲུང་གོའི་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་ཐོ་འགོད་དོ་དམ་བྱ་ཐབསའདི་སྤྱི་ལོ་༢༠༡༥ལོའི་ཟླ་༥པའི་ཚེས་༢༠ཉིན་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཐེངས་ལྔ་པའི་ལས་དོན་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནསགྲོས་འཆམ་བྱུང་བ་དང་འབྲེལ་སྤྱི་བདེ་པུའུ་མོས་མཐུན་བྱུང་བ་བརྒྱུད་ད་ལྟ་ཁྱབ་བསྒྲགས་བྱས་ཏེསྤྱི་ལོ་༢༠༡༦ལོའི་ཟླ་༡པའི་༡ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

དོན་ཚན་དང་པོ།སྤྱི་དམངས་ཀྱི་མི་རིགས་གྲུབ་ཆའི་དོ་དམ་ལས་དོན་ཚད་ལྡན་དུ་གཏོང་ཆེད་རྩ་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐེམ་ཐོ་ཐོ་འགོད་སྲོལ་ཡིགལ་གཞིགས་ནས་བྱ་ཐབས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་བྱ་ཐབས་འདི་སྤྱོད་རུང་།

དོན་ཚན་གསུམ་པ།བྱ་ཐབས་འདིའི་ནང་བརྗོད་པའི་མི་རིགས་ཀྱི་གྲུབ་ཆ་ཞེས་པ་ནི་ཐེམ་ཐོ་ཐོ་འགོད་བྱེད་སྐབས་བྲིས་པའི་རྒྱལ་ཁབ་ཀྱིས་དངོས་སུ་ཁས་ལེན་བྱས་པའི་མི་རིགས་ཀྱི་མིང་ལ་ཟེར།

དོན་ཚན་བཞི་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་དོན་གཅོད་སྡེ་ཚན་དང་སྤྱི་བདེའི་སྡེ་ཚན་གྱིས་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་ཐོ་འགོད་དང་དོ་དམ་བྱེད་པར་ཁྲིད་སྟོན་དང་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁུར་རྒྱུ།

དོན་ཚན་ལྔ་པ།སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་ནི་དེའི་ཕ་མའི་མི་རིགས་ཀྱི་གྲུབ་ཆ་གཞིར་བཟུང་ནས་གཏན་འཁེལ་དང་ཐོ་འགོད་བྱ་དགོས།

 བྱ་ཐབས་འདིའི་ནང་འཁོད་པའི་ཕ་མ་ཞེས་པ་ནི་སྐྱེས་པའི་ཕ་མ་དང་ཕ་གཡར་དང་མ་གཡར།རྒྱུད་པ་འཛིན་མཁན་བཅས་གསོ་སྐྱོང་གི་བདག་དབང་ཡོད་མཁན་དང་སློབ་གསོའི་འབྲེལ་བ་ཡོད་པའི་མི་ལ་གོ་བ་ཡིན།

དོན་ཚན་དྲུག་པ།སྤྱི་བདེའི་སྡེ་ཁག་གིས་གསར་དུ་འཕར་སྣོན་བྱུང་བའི་མི་འབོར་གྱི་ཁྱིམ་ཐོ་ཐོ་འགོད་བྱེད་སྐབས་གསར་དུ་འཕར་སྣོན་བྱུང་བའི་མི་འབོར་ཕ་མའི་མི་རིགས་ཀྱི་གྲུབ་ཆ་གཞིར་བཟུང་སྟེ་དེའི་མི་རིགས་ཀྱི་གྲུབ་ཆ་གཏན་འཁེལ་བྱ་དགོས།

གསར་དུ་འཕར་བའི་མི་འབོར་གྱི་ཕ་མའི་མི་རིགས་ཀྱི་གྲུབ་ཆ་མི་འདྲ་བ་ཡིན་ན།དེའི་ཕ་མ་གཉིས་པོས་ཐུན་མོང་ཐོག་མིང་རྟགས་བཀོད་པའི་མི་རིགས་ཀྱི་གྲུབ་ཆར་གཞིགས་ནས་གཏན་འཁེལ་དང་ཐོ་འགོད་བྱེད་དགོས།

དོན་ཚན་བདུན་པ། སྤྱི་དམངས་ཀྱི་མི་རིགས་ཁོངས་གཏོགས་གཏན་འཁེལ་དང་ཐོ་འགོད་བྱས་རྗེས་སྤྱིར་བཏང་དུ་བསྒྱུར་མི་ཆོག

ལོ་བཅོ་བརྒྱད་ལ་མ་སོན་པའི་སྤྱི་དམངས་ལ་གཤམ་གྱི་གནས་ཚུལ་ཁྲོད་རིགས་གཅིག་ཡོད་ན།དེའི་མི་རིགས་ཀྱི་གྲུབ་ཆ་ཐེངས་གཅིག་བསྒྱུར་རྒྱུའི་རེ་འདུན་ཞུ་ཆོག

གཅིགཕ་མའི་གཉེན་སྒྲིག་གི་འབྲེལ་བར་འགྱུར་ལྡོག་བྱུང་བ་དང་།དེའི་མི་རིགས་ཀྱི་ཁོངས་གཏོགས་ཉིད་བུ་ཕྲུག་གསོ་སྐྱོང་མཁན་དང་མི་རིགས་མི་འདྲ་བ།

གཉིས།ཕ་མའི་གཉེན་སྒྲིག་འབྲེལ་བར་འགྱུར་ལྡོག་བྱུང་བ་དང་།དེའི་མི་རིགས་ཀྱི་གྲུབ་ཆ་དང་ཕ་གཡར་གྱི་མི་རིགས་ཀྱི་ཁོངས་གཏོགས་མི་འདྲ་བ།

གསུམ།དེའི་མི་རིགས་ཀྱི་ཁོངས་གཏོགས་དང་ཕ་གཡར་རམ་མ་གཡར་གྱི་མི་རིགས་ཀྱི་གྲུབ་ཆ་མི་འདྲ་བ།

རང་ལོ་བཅོ་བརྒྱད་ལོན་པའི་སྤྱི་དམངས་ཤིག་ཡིན་ཕྱིན།ལོ་བཅོ་བརྒྱད་ལོན་པའི་ཉིན་ནས་བཟུང་ལོ་གཉིས་ནང་ཕའམ་མའི་མི་རིགས་ཀྱི་གྲུབ་ཆར་གཞིགས་ནས་བསྒྱུར་བཅོས་ཐེངས་གཅིག་བྱ་རྒྱུའི་རེ་འདུན་ཞུས་ཆོག

དོན་ཚན་བརྒྱད་པ།ལོ་ན་བཅོ་བརྒྱད་ལ་མ་སོན་པའི་སྤྱི་དམངས་ཀྱིས་མི་རིགས་ཀྱི་གྲུབ་ཆ་བསྒྱུར་དགོས་ན།དེའི་ཕ་མའམ་ཡང་ན་ཁྲིམས་བཀོད་ཀྱི་ལྟ་སྐྱོང་བྱེད་མཁན་གྱི་མིས་རེ་འདུན་ཞུ་ཆོག་པ་དང་། ལོ་ན་བཅོ་བརྒྱད་སོན་པའི་སྤྱི་དམངས་ཀྱིས་མི་རིགས་ཀྱི་གྲུབ་ཆ་བསྒྱུར་རྒྱུའི་རེ་འདུན་ཞུ་དགོས་ན།དེ་ཉིད་ཀྱི་དངོས་སུ་རེ་འདུན་ཞུ་དགོས།

དོན་ཚན་དགུ་པ།ལོ་ན་བཅོ་བརྒྱད་ལ་མ་སོན་པའི་སྤྱི་དམངས་ཀྱིས་མི་རིགས་ཀྱི་གྲུབ་ཆ་བསྒྱུར་རྒྱུའི་རེ་འདུན་ཞུ་བར་གཤམ་གསལ་གྱི་དཔང་ཡིག་འདོན་སྤྲོད་བྱ་དགོས་པ་སྟེ།

གཅིགཡིག་ཐོག་གི་རེ་འདུན་ཞུ་ཡིག་དང་། ཕ་མའི་མི་རིགས་གྲུབ་ཆར་གཞིགས་ནས་བསྒྱུར་བཅོས་བྱ་རྒྱུའི་རེ་འདུན་ཞུས་ན།ཡིག་ཐོག་ནས་རེ་འདུན་ཞུ་ཡིག་དེ་ཐད་ཀར་གསོ་སྐྱོང་བྱེད་མཁན་གྱིས་མིང་རྟགས་འགོད་དགོས། ཕ་གཡར་རམ་མ་གཡར་གྱི་མི་རིགས་གྲུབ་ཆར་གཞིགས་ནས་བསྒྱུར་བཅོས་བྱ་རྒྱུའི་རེ་འདུན་ཞུས་ན།ཡིག་ཐོག་གི་རེ་འདུན་ཞུ་ཡིག་དེ་ཕ་གཡར་དང་མ་གཡར་གཉིས་ཀྱིས་ཐུན་མོང་གིས་མིང་རྟགས་འགོད་དགོས་པ་དང་། ཕ་གཡར་རམ་མ་གཡར་གྱི་མི་རིགས་གྲུབ་ཆར་གཞིགས་ནས་བསྒྱུར་བཅོས་བྱ་རྒྱུའི་རེ་འདུན་ཞུས་ན།ཡིག་ཐོག་གི་རེ་འདུན་ཞུ་ཡིག་དེ་སྤྱི་དམངས་དང་མཉམ་དུ་འཚོ་བ་རོལ་བའི་ཕ་མ་ཟུང་དང་ཕ་གཡར་མ་གཡར་སོགས་ཀྱི་མཉམ་དུ་མིང་རྟགས་འགོད་དགོས། རེ་ཞུ་བྱེད་པའི་ཉིན་སྤྱི་དམངས་རང་ལོ་བཅུ་དྲུག་ལོན་ཡོད་ན།རེ་ཞུ་བྱེད་མཁན་གྱིས་སྤྱི་དམངས་རང་ཉིད་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས།

གཉིས།སྤྱི་དམངས་རང་ཉིད་ཀྱི་གྲོང་མིའི་ཁྱིམ་ཐོ་དང་སྤྱི་དམངས་ཀྱི་ཕ་གཡར་རམ་མ་གཡར་གྱི་ཁྱིམ་ཐོ་དང་གྲོང་མིའི་ཐོབ་ཐང་ལག་ཁྱེར་སོགས་དགོས།

གསུམ།སྐྱེས་པའི་ཕ་མའི་མི་རིགས་གྲུབ་ཆར་གཞིགས་ནས་བསྒྱུར་བཅོས་བྱ་རྒྱུའི་རེ་འདུན་ཞུས་ན།བཟའ་ཚང་ཁ་བྲལ་བའི་དཔང་ཡིག་འདོན་སྤྲོད་བྱ་དགོས། ཕ་གཡར་རམ་མ་གཡར་གྱི་མི་རིགས་གྲུབ་ཆར་གཞིགས་ནས་བསྒྱུར་བཅོས་བྱ་རྒྱུའི་རེ་འདུན་ཞུས་ན་ཕ་མ་དང་ཕ་གཡར་རམ་མ་གཡར་གྱི་གཉེན་སྒྲིག་གི་འབྲེལ་བའི་དཔང་ཡིག་འདོན་སྤྲོད་བྱ་དགོས། ཕ་གཡར་རམ་མ་གཡར་གྱི་མི་རིགས་གྲུབ་ཆར་གཞིགས་ནས་བསྒྱུར་བཅོས་བྱ་རྒྱུའི་རེ་འདུན་ཞུ་རིགས།ཉར་གསོའི་དཔང་ཡིག་མཁོ་སྤྲོད་བྱ་དགོས།

བཞི།གལ་ཏེ་གྲོང་མིའི་ཐེམ་ཐོའི་ཁྲོད་ཕ་མའི་བུ་ཕྲུག་གི་འབྲེལ་བ་མཚོན་མི་ཐུབ་ན། སྤྱི་དམངས་ཀྱི་ཐེམ་ཐོ་གནས་སའི་ཤང་གྲོང་རྡལ་མི་དམངས་སྲིད་གཞུང་དང་།ཁྲོམ་ལམ་དོན་གཅོད་ཁང་གིས་བཏོན་པའི་ཕ་མའི་བུ་ཕྲུག་གི་འབྲེལ་བའི་དཔང་ཡིག་འདོན་སྤྲོད་བྱ་དགོས།

ལྔ།འབྲེལ་ཡོད་ཀྱི་དཔང་རྟགས་དཔྱད་ཡིག་གཞན།

དོན་ཚན་བཅུ་པ།རང་ལོ་བཅོ་བརྒྱད་ལོན་པའི་སྤྱི་དམངས་ཀྱིས་མི་རིགས་ཀྱི་གྲུབ་ཆ་བསྒྱུར་རྒྱུའི་རེ་འདུན་ཞུ་བར་གཤམ་གསལ་གྱི་དཔང་ཡིག་འདོན་སྤྲོད་བྱ་དགོས་པ་སྟེ།

གཅིགརང་ཉིད་ཀྱིས་ཕུལ་བའི་ཡིག་ཐོག་རེ་ཞུ་ཡི་གེ

གཉིས།སྤྱི་དམངས་རང་ཉིད་དང་དེའི་ཕ་མའི་ཐེམ་ཐོ་དེབ་དང་ཐོབ་ཐང་ལག་ཁྱེར།

གསུམ།གལ་ཏེ་ཡུལ་མིའི་ཐེམ་ཐོ་ཡིས་སྤྱི་དམངས་དང་ཕ་མའི་བུ་ཕྲུག་བར་གྱི་འབྲེལ་བ་མཚོན་མི་ཐུབ་ན། སྤྱི་དམངས་ཀྱི་ཐེམ་ཐོ་གནས་སའི་ཤང་གྲོང་བརྡལ་མི་དམངས་སྲིད་གཞུང་དང་།ཁྲོམ་ལམ་དོན་གཅོད་ཁང་གིས་བཏོན་པའི་ཕ་མ་དང་བུ་ཕྲུག་གི་འབྲེལ་བའི་དཔང་ཡིག་འདོན་སྤྲོད་བྱ་དགོས།

བཞི།འབྲེལ་ཡོད་ཀྱི་དཔང་རྟགས་དཔྱད་ཡིག་གཞན་དག་བཅས་ཡིན།

དོན་ཚན་བཅུ་གཅིག་པ།མི་རིགས་ཀྱི་གྲུབ་ཆ་བསྒྱུར་རྒྱུའི་རེ་འདུན་ཞུ་བར་གཤམ་གསལ་གོ་རིམ་ལྟར་བསྒྲུབ་དགོས་པ་སྟེ།

གཅིགརེ་འདུན་ཞུ་མཁན་གྱིས་ཐེམ་ཐོ་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་མི་རིགས་ལས་དོན་སྡེ་ཁག་ལ་རེ་འདུན་ཞུ་དགོས་པ།

གཉིས།རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་མི་རིགས་ལས་དོན་སྡེ་ཁག་གིས་བསྒྱུར་བཅོས་བྱ་རྒྱུའི་རེ་ཞུ་ལ་ཐོག་མའི་ཞིབ་བཤེར་བྱ་རྒྱུའི་བསམ་འཆར་བཏོན་པ་དང་། ཆ་རྐྱེན་དང་མི་མཐུན་པའི་རེ་ཞུ་ཕྱིར་སློག་བྱེད་པ་མ་ཟད།བདག་སྤྲོད་མི་བྱེད་པའི་རྒྱུ་མཚན་ཡིག་ཐོག་ནས་གསལ་བཤད་ཀྱང་བྱེད་དགོས། ཆ་རྐྱེན་དང་མཐུན་པའི་རེ་ཞུ་བདག་སྤྲོད་བྱས་ཉིན་ནས་བཟུང་རྒྱུན་ལྡན་ལས་ཀ་ཡོད་པའི་ཉིན་གྲངས་བཅུའི་ནང་ཚུན་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་གི་མི་རིགས་ལས་དོན་སྡེ་ཁག་ལ་ཞིབ་མཆན་འགོད་རྒྱུར་འབུལ་དགོས།

ལས་ཀའི་ཉིན་གྲངས་བཅུ་ཡི་ནང་ཐོག་མའི་ཞིབ་བཤེར་བསམ་འཆར་འདོན་མ་ཐུབ་ན།རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་མི་རིགས་ལས་དོན་སྡེ་ཁག་གི་འགན་འཁུར་པའི་ཆོག་མཆན་ཐོབ་པ་བརྒྱུད་ལས་ཀའི་ཉིན་གྲངས་བཅུ་དུས་འགྱངས་བྱེད་ཆོག

གསུམ།རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་གི་མི་རིགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་འགོད་རྒྱུ་རེ་ཞུ་ཡི་གེ་འབྱོར་ཉིན་ནས་བཟུང་གི་ལས་ཀའི་ཉིན་གྲངས་བཅུའི་ནང་ཡིག་ཐོག་གི་ཞིབ་བཤེར་ཆོག་མཆན་འགོད་པའི་བསམ་འཆར་འདོན་དགོས་པ་མ་ཟད།རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་མི་རིགས་ལས་དོན་སྡེ་ཁག་ལ་ལན་སྤྲོད་དགོས།

བཞི།རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་མི་རིགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་འགོད་པའི་བསམ་འཆར་འབྱོར་བའི་རྒྱུན་ལྡན་གྱི་ལས་ཀའི་ཡོད་པའི་ཉིན་བཅུའི་ནང་།ཞིབ་བཤེར་ཆོག་མཆན་འགོད་པའི་བསམ་འཆར་རེ་འདུན་ཞུ་མཁན་ལ་བཤད་དགོས། ཞིབ་མཆན་མོས་མཐུན་ཐོབ་རིགས་དང་ཞིབ་མཆན་བསམ་འཆར་དང་།སྤྱི་དམངས་ཀྱི་རེ་ཞུའི་ཡི་གེ་དེ་བཞིན་འབྲེལ་ཡོད་ར་སྤྲོད་ཡིག་ཆ་བཅས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སྤྱི་བདེ་སྡེ་ཚན་ལ་བཤུ་སྐྱེལ་བྱེད་དགོས།

ལྔ།སྤྱི་བདེ་སྡེ་ཁག་གིས་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་མི་རིགས་ལས་དོན་སྡེ་ཁག་གི་ཞིབ་བཤེར་ཆོག་མཆན་འགོད་པའི་བསམ་འཆར་ལྟར།སྤྱི་དམངས་ཀྱི་ཐེམ་ཐོ་གཙོ་བོའི་ཆ་འཕྲིན་བསྒྱུར་བའི་དོ་དམ་གོ་རིམ་ལ་ནན་པོར་གཞིགས་ཏེ། རྒྱུན་ལྡན་གྱི་ལས་ཀའི་ཉིན་བཅོ་ལྔའི་ནང་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་བསྒྱུར་བའི་ཐོ་འགོད་བྱ་དགོས།

དོན་ཚན་བཅུ་གཉིས་པ།རིམ་པ་སོ་སོའི་མི་རིགས་དོན་གཅོད་སྡེ་ཁག་གིས་མི་རིགས་ཀྱི་གྲུབ་ཆ་བསྒྱུར་བཅོས་བྱ་རྒྱུ་དུས་བཅད་ལྟར་ཐོ་འགོད་སྙན་སེང་ལམ་ལུགས་འཛུགས་དགོས།

ས་ཁུལ་དང་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་མི་རིགས་ལས་དོན་སྡེ་ཁག་གིས་ལོ་ཕྱེད་རེར་སྲིད་འཛིན་ས་ཁོངས་དེ་གའི་མི་རིགས་ཀྱི་གྲུབ་ཆ་བསྒྱུར་བའི་ཞིབ་བཤེར་ཆོག་མཆན་འགོད་པའི་གནས་ཚུལ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་མི་རིགས་ལས་དོན་སྡེ་ཁག་ལ་ཐོ་འགོད་ཐེངས་གཅིག་བྱ་དགོས། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་མི་རིགས་ལས་དོན་སྡེ་ཁག་གིས་ལོ་རེར་སྲིད་འཛིན་ས་ཁོངས་དེ་གའི་མི་རིགས་ཀྱི་གྲུབ་ཆ་བསྒྱུར་བའི་བསྡོམས་རྩིས་གཞི་གྲངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་ལས་དོན་སྡེ་ཁག་ལ་ཐོ་འགོད་ཐེངས་རེ་བྱ་དགོས།

དོན་ཚན་བཅུ་གསུམ་པ།མི་རིགས་དོན་གཅོད་སྡེ་ཁག་རིམ་པ་ཁག་དང་སྤྱི་བདེ་སྡེ་ཁག་གིས་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་ཐོ་འགོད་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ་དང་།མི་རིགས་གྲུབ་ཆའི་ཆ་འཕྲིན་མཉམ་སྤྱོད་བྱེད་པའི་ནང་རྐྱེན་འཛུགས་དགོས་ཤིང་།དུས་བཀག་ལྟར་མི་རིགས་ཀྱི་གྲུབ་ཆ་ཐོ་འགོད་དང་བསྡོམས་རྩིས་ཀྱི་ཆ་འཕྲིན་བསྒྱུར་བའི་རིགས་བརྗེ་རེས་བྱ་དགོས།

དོན་ཚན་བཅུ་བཞི་པ།མི་རིགས་དོན་གཅོད་སྡེ་ཁག་རིམ་པ་ཁག་དང་སྤྱི་བདེའི་སྡེ་ཁག་གིས་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་ཐོ་འགོད་བྱེད་པའི་གྲོས་མོལ་འབྲེལ་གཏུག་དང་ལྟ་སྐུལ་ཞིབ་བཤེར་གྱི་ལམ་སྲོལ་འཛུགས་དགོས།

དོན་ཚན་བཅོ་ལྔ་པ།སྤྱི་དམངས་ཀྱིས་རང་ཉིད་དམ་ཡང་ན་རང་ཉིད་ཀྱི་ལོ་ན་བཅོ་བརྒྱད་ལ་མ་སོན་པའི་བུ་ཕྲུག་གི་མི་རིགས་གྲུབ་ཆ་གཏན་འབེབས་དང་།ཐོ་འགོད། བསྒྱུར་བཅོས་བཅས་ལ་བསམ་འཆར་མི་མཐུན་པ་ཡོད་ན།ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་ཡོང་རྒྱུའི་རེ་བ་ཞུ་བའམ་ཡང་ན་སྲིད་འཛིན་གཏུག་བཤེར་བྱེད་ཆོག

དོན་ཚན་བཅུ་དྲུག་པ།སྤྱི་དམངས་ཀྱིས་གནས་ཚུལ་དངོས་སྦས་གསང་དང་།དཔང་ཡིག་རྫུན་བཟོ།གཡོ་བཅོས་དང་རྒྱུ་ཆ་རྫུན་མ་འདོན་སྤྲོད་བཅས་བྱས་ནས་མི་རིགས་ཀྱི་གྲུབ་ཆ་བསྒྱུར་བཅོས་བྱེད་པའི་རེ་ཞུ་བྱས་ན།མི་རིགས་དོན་གཅོད་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་འགོད་པའི་བསམ་འཆར་ཕྱིར་འཐེན་བྱ་དགོས་པ་དང་།སྤྱི་བདེ་སྡེ་ཁག་གིས་བསྒྱུར་བཅོས་ཐོ་འགོད་ཕྱིར་འཐེན་བྱ་དགོས་པ་མ་ཟད། དུས་མཚུངས་སུ་འབྲེལ་ཡོད་སྡེ་ཁག་ལ་སྤྱི་དམངས་དེས་མི་རིགས་ཀྱི་གྲུབ་ཆ་རྫུན་མར་བརྟེན་ནས་ལོངས་སུ་སྤྱོད་པའི་འབྲེལ་ཡོད་ཁེ་དབང་ཕྱིར་བསྡུ་རྒྱུའི་བརྡ་ཁྱབ་ཀྱང་གཏོང་དགོས། བདེ་སྲུང་དོ་དམ་དང་འགལ་བའི་བྱ་སྤྱོད་དུ་གྲུབ་ན།ཁྲིམས་ལྟར་བདེ་སྲུང་དོ་དམ་གྱི་ཆད་པ་གཅོད་དགོས། ཉེས་ཚད་ལོན་མཁན་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།

དོན་ཚན་བཅུ་བདུན་པ།མི་རིགས་དོན་གཅོད་སྡེ་ཁག་དང་སྤྱི་བདེ་སྡེ་ཁག་ལ་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན།དེའི་གོང་རིམ་སྲིད་འཛིན་ལས་ཁུངས་སམ་ལྟ་ཞིབ་ལས་ཁུངས་ཀྱིས་དེར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་།འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མི་གཞན་དག་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ།

གཅིགཆ་རྐྱེན་འཛོམས་པའི་སྤྱི་དམངས་ཀྱིས་མི་རིགས་ཀྱི་གྲུབ་ཆ་བསྒྱུར་རྒྱུའི་རེ་འདུན་ཞུ་ཡིག་ཆོག་མཆན་མི་འགོད་པ།

གཉིས།ལུགས་མཐུན་གྱི་རྒྱུ་མཚན་མེད་པར་གཏན་འབེབས་བྱས་པའི་དུས་བཀག་ནང་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་ཐོ་འགོད་དང་།ཞིབ་མཆན་འགོད་པ།བསྒྱུར་བཅོས་བཅས་མི་བྱེད་པ།

གསུམ།སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་བསྒྱུར་བའི་རེ་ཞུ་སྒྲིག་འགལ་གྱིས་ཞིབ་མཆན་བཀོད་པ།

བཞི།སྒྲིག་སྲོལ་ལས་འགལ་ཏེ་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་ཐོ་འགོད་བྱས་པའམ་བསྒྱུར་བའི་རིགས་བཅས་ཡིན།

དོན་ཚན་བཅོ་བརྒྱད་པ།གཏན་འབེབས་ལས་འགལ་ནས་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་གཏན་འཁེལ་དང་བཟོ་བཅོས་བརྒྱབ་པའི་རིགས་ནི་སྤྱི་བདེའི་སྡེ་ཁག་གིས་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་མི་རིགས་ལས་དོན་སྡེ་ཁག་གིས་བརྟག་དཔྱད་དང་ཐག་གཅོད་བསམ་འཆར་ཡི་གེ་གཞིར་བཟུང་ནས་དག་བཅོས་བྱ་རྒྱུ། སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་དེ་ཐེམ་ཐོ་དོ་དམ་བྱེད་པའི་བརྒྱུད་རིམ་ནང་སྙན་ཞུ་ནོར་འཁྲུལ་ཅན་དང་ཐོ་འགོད་ནོར་འཁྲུལ་ཅན་ཡིན་ན།སྤྱི་བདེའི་སྡེ་ཁག་གིས་ནོར་འཁྲུལ་ཡོ་བསྲང་བྱེད་པའི་གོ་རིམ་ལྟར་དེའི་མི་རིགས་གྲུབ་ཆ་ཡོ་བསྲང་བྱ་དགོས།

དོན་ཚན་བཅུ་དགུ་པ།གཏན་འཁེལ་བྱས་མེད་པའི་མི་རིགས་ཀྱིས་སྤྱི་དམངས་ལ་འབོད་རྒྱུའི་མི་རིགས་ཀྱི་གྲུབ་ཆར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དོ་དམ་བྱ་རྒྱུ།

དོན་ཚན་ཉི་ཤུ་པ།ཀྲུང་གོའི་སྤྱི་དམངས་ཀྱིས་ཕྱི་རྒྱལ་བ་དང་གཉེན་སྒྲིག་བྱས་ནས་ཕྲུ་གུ་སྐྱེས་པའམ་ཁྲིམས་ལྟར་ཉར་གསོ་བྱས་པའི་བུ་ཕྲུག་ཀྲུང་གོའི་རྒྱལ་ཁོངས་སུ་ཐོབ་པ་ཡིན་ན།དེའི་མི་རིགས་ཀྱི་གྲུབ་ཆ་ནི་ཀྲུང་གོའི་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་གཞིར་བཟུང་གཏན་འཁེལ་བྱ་དགོས། ཕྱི་རྒྱལ་བར་ཀྲུང་གོའི་རྒྱལ་ཁོངས་ཐོབ་པ་ཡིན་ན།དེའི་མི་རིགས་ཀྱི་གྲུབ་ཆ་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དོ་དམ་བྱ་རྒྱུ།

དོན་ཚན་ཉེར་གཅིག་པ།ཞིང་ཆེན་ཁག་དང་།རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་ཁག་བཅས་ཀྱི་མི་དམངས་སྲིད་གཞུང་གི་མི་རིགས་དོན་གཅོད་སྡེ་ཁག་དང་སྤྱི་བདེ་སྡེ་ཁག་གིས་བྱ་ཐབས་འདིར་གཞིགས་ནས་ལག་བསྟར་བྱེད་སྲོལ་ཞིབ་ཕྲ་གཏན་འབེབས་བྱེད་ཆོག ཞིང་ཆེན་ཁག་དང་།རང་སྐྱོང་ལྗོངས་ཁག་ཐད་སྐྱོང་གྲོང་ཁྱེར་ཁག་བཅས་ཀྱི་མི་དམངས་སྲིད་གཞུང་གི་མི་རིགས་དོན་གཅོད་སྡེ་ཁག་དང་སྤྱི་བདེའི་སྡེ་ཁག་གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་བསྒྱུར་རྒྱུའི་ཞུ་ཡིག་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་དབང་ཚད་ལེགས་སྒྲིག་དང་གཏན་འཁེལ་འོས་འཚམ་བྱས་ཆོག་པ་མ་ཟད།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་དོན་གཅོད་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས།

དོན་ཚན་ཉེར་གཉིས་པ།བྱ་ཐབས་འདི་༢༠༡༦ལོའི་ཟླ་༡ཚེས་༡ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ་དང་།དེ་གོང་གི་འབྲེལ་ཡོད་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་ཐོ་འགོད་དོ་དམ་སྐོར་གྱི་ཡིག་ཆ་དང་གཏན་འབེབས་དག་དང་མི་མཐུན་པའི་རིགས་ལ་བྱ་ཐབས་འདི་གཞིར་བཟུང་ནས་ལག་བསྟར་དག་བཅོས་བྱེད་དགོས།

附件下载:
相关链接: